སྨོན་ལམ་ཀློག་འདོན་རིག་ནུས། ཐོན་རིམ་ ༢.༠
སྨོན་ལམ་རིག་ནུས་བཟོ་སྐྲུན་ཚན་པས།
བོད་ཀྱི་སྐད་ཡིག་གཙོ་བོར་བཟུང་བའི་སྒྲ་སྐད་གསར་སྐྲུན་གྱི་མ་ལག་འདི་ཉིད། རང་བཞིན་གྱི་སྐད་གདངས་གསལ་འདོན་བྱེད་པ་དང་། གསོན་ཉམས་ལྡན་པའི་སྐད་ཆ་སྐྲུན་པ། དེ་བཞིན་བོད་སྐད་ཀྱི་སྒྲ་འཇུག་རིང་པོ་བཟོ་སྐྲུན་བྱེད་པ་བཅས་ལ་ཆེད་དུ་དམིགས་ནས་བཟོས་པ་ཞིག་ཡིན།
སྨོན་ལམ་ཀློག་འདོན་རིག་ནུས་ཐོན་རིམ་ ༢.༠ ནི། དྲག་འདེམས་བྱས་པའི་བོད་སྐད་ཀྱི་སྒྲ་འཇུག་དུས་ཡུན་ཆུ་ཚོད་ ༢,༤༠༠ ལྷག་དང་། སྒྲ་དག་གསལ་གསུམ་ལྡན་ཞིང་སྤུས་ཚད་ལེགས་པའི་སྐད་ཆ་ཆུ་ཚོད་ ༡༧༠ ལྷག་མཉམ་དུ་སྦྲེལ་ཞིང་། བོད་སྐད་ལ་དམིགས་བསལ་གྱི་སྐད་ཆའི་དཔེ་གཞི་བཟོས་པ་དང་། སྐད་གདངས་མི་འདྲ་བ་མང་པོ་མཉམ་དུ་སྦྱོང་བརྡར་བྱས་པ་བཅས་ཀྱིས་ད་ལྟའི་བར་དུ་འགྲེམ་སྤེལ་བྱས་པའི་ནང་ནས་བོད་ཡིག་ཀློག་འདོན་རིག་ནུས་ཀྱི་མ་ལག་ཡག་ཤོས་དེ་ཆགས་ཡོད།

སྒྲ་སྐད་གསར་སྐྲུན་གྱི་གལ་གནད།
སྐད་ཡིག་ཅེས་པ་ནི་ཡི་གེ་རྐྱང་པ་ཞིག་མིན།
དེ་ནི་བོད་ཀྱི་ལོ་རྒྱུས་གཏམ་རྒྱུད་དང་། སྙན་བརྒྱུད་གདམས་ངག སྙན་ངག་གླུ་གཞས་སོགས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་མིའི་ངག་རྒྱུན་ཁོ་ནར་བརྟེན་ནས་མི་རབས་ནས་མི་རབས་བར་ཕན་ཚུན་བརྒྱུད་སྤྲོད་བྱས་པ་ཤ་སྟག་ལས་བྱུང་བ་ཡིན།
དེང་སྐབས་གྲངས་འཛིན་ཅན་གྱི་དུས་རབས་འདིར། ཁ་པར་དང་གློག་ཀླད་སོགས་ཀྱི་ནང་དུ་ཡི་གེ་འབྲི་རྒྱུའི་ཚབ་ལ། སྐད་ཆ་བཤད་ནས་བཀོལ་སྤྱོད་བྱ་རྒྱུ་གཙོ་བོ་ཆགས་བཞིན་ཡོད། གལ་ཏེ་སྒྲ་སྐད་གསར་སྐྲུན་གྱི་ལག་རྩལ་མེད་ན་བོད་སྐད་ཡིག་འདི་ཉིད་མ་འོངས་པའི་འཕྲུལ་ཆས་ཀྱི་ཁོར་ཡུག་དེ་དག་གི་ནང་བཀོལ་སྤྱོད་བྱེད་མི་ཐུབ་པའི་ཉེན་ཁ་ཆེན་པོ་ཡོད།
སྨོན་ལམ་ཀློག་འདོན་རིག་ནུས་གསར་བཟོ་བྱེད་དགོས་པའི་དམིགས་ཡུལ་ནི། མིས་བཟོས་རིག་ནུས་ཀྱིས་བོད་ཡིག་གི་གོ་བ་ལེན་ཐུབ་པ་ཙམ་གྱིས་མི་འགྲིག་པར། བོད་སྐད་ཀྱི་ལམ་ནས་སྐད་ཆ་དངོས་སུ་བཤད་ཐུབ་པ་བྱ་རྒྱུའི་ཆེད་དུ་ཡིན།
དོན་གནད་གཙོ་བོ།
སྨོན་ལམ་ཀློག་འདོན་རིག་ནུས་ཐོན་རིམ་གཉིས་པའི་རྒྱབ་ལྗོངས་ཀྱི་གྲངས་ཐོ་དང་། དེ་དག་གི་དངོས་ཡོད་བཀོལ་སྤྱོད་ཀྱི་ནུས་པ།
སྦྱོང་བརྡར་གཞི་གྲངས།
༢,༤༠༠+
བོད་སྐད་ཀྱི་སྒྲ་སྐད་གཞི་གྲངས་ཕྱོགས་བསྡུས་བྱས་པ་ལས་ཆེས་ཆེ་ཤོས་ཤིག་ཡིན།
སྐད་གདངས་གདམ་ག
༩+
གཏམ་བཤད་སྣ་ཚོགས་དང་ཡུལ་སྐད་ཀྱི་ཁྱད་པར་མི་འདྲ་བ་དུ་མ་ཡོད།
ཡིག་ཚོགས་རིང་པོ་ཀློག་འདོན།
ནུས་པ་ཡོད།
རྩོམ་ཡིག་རིང་པོ་ག་ཚོད་ཡིན་ནའང་གཞི་རྒྱུན་བརྟན་པོའི་ཐོག་ནས་ཀློག་ཐུབ།
ཚོར་བའི་ཉམས་འགྱུར།
ནུས་པ་ཡོད།
སྐད་ཀྱི་འགྲོས་དང་། འདེགས་འཇོག ཉམས་འགྱུར་བཅས་མི་དངོས་ལྟར་གསོན་ཉམས་ཀྱི་རང་བཞིན་ལྡན།
འཕྲུལ་ཆས་མཐུད་ལམ།
མི་རིང་བར་འཐོབ་རྒྱུ།
མ་འོངས་པར་མེ་ལོང་རིག་ནུས་སྡིངས་ཆ་(Melong AI Studio) བརྒྱུད་ནས་མཐུད་སྦྲེལ་བྱེད་ཐུབ།
ཡུལ་སྐད་ཁྱབ་ཚད།
སྣ་མང་།
བོད་ཀྱི་ཡུལ་སྐད་ཆེན་པོ་ཁག་གི་སྐད་གདངས་ཚུད་ཡོད།
བོད་སྐད་ཀྱི་ཀློག་འདོན་ལག་རྩལ་གསར་བཟོ་བྱེད་པ།
སྒྲ་གདངས་སྤུས་ཚད་ལྡན་པའི་བོད་སྐད་ཀྱི་ཀློག་འདོན་མ་ལག་གསར་བཟོ་བྱ་རྒྱུ་ནི། གཞི་གྲངས་འབོར་ཆེན་ཡོད་པའི་རྒྱལ་སྤྱིའི་སྐད་ཡིག་གཞན་དག་ལས་དམིགས་བསལ་གྱི་དཀའ་ངལ་དང་བཀག་རྒྱ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་ཞིག་ཡིན།
ཐེངས་འདིའི་ “སྨོན་ལམ་ཀློག་འདོན་རིག་ནུས་ཐོན་རིམ་གཉིས་པ།” འདི་ཉིད་གཙོ་བོ་དཀའ་གནད་ཆེན་པོ་གསུམ་གཞིར་བཟུང་ནས་ལེགས་བཅོས་དང་གྲུབ་འབྲས་ཐོན་པ་ཞིག་ཡིན།
ཁྱད་ནུས་ངོ་སྤྲོད།
ཅི་ཞིག་བཅོས་བསྒྱུར་བྱས་པ།
- སྒྲ་སྐད་ཀྱི་གཞི་གྲངས་མཛོད་ཆེ་རུ་བཏང་བ།
- གཏམ་བཤད་མཁན་གྱི་སྐད་གདངས་སྣ་མང་ཅན་དུ་བཟོས་པ།
- སྒྲ་གདངས་དག་གསལ་གྱི་ཚད་གཞི་མཐོ་རུ་བཏང་བ།
- ཡིག་ཚོགས་ཀློག་འདོན་གྱི་གཞི་རྒྱུན་བརྟན་པོར་བཟོས་པ།
- ཡུལ་སྐད་མི་འདྲ་བའི་ཁྱབ་ཁོངས་ཆེ་རུ་བཏང་བ།
- ཉམས་འགྱུར་ལྡན་ཞིང་ཉན་སྤྲོ་བའི་སྐད་གདངས་གསར་སྐྲུན་བྱས་པ།
དངོས་སུ་ཚོད་ལྟ་བྱེད་པ།
བཀྲ་ཤིས་བདེ་ལེགས། ང་ད་ལྟ་ལས་ཁུངས་ལ་འབྱོར་སོང་། ཁྱེད་རང་དེ་རིང་ལས་ཀ་བྲེལ་བ་ཚ་པོ་ཡོད་པེ།
ཨ་མདོ། མོ།
དབུས་གཙང་། ཕོ།
དབུས་གཙང་། མོ།
བོད་ཀྱི་རིག་ནུས་ཉེར་སྤྱོད་ཁོར་ཡུག་ལ་ཆེད་དམིགས་འཆར་འགོད་བྱས་པ།
སྒྲ་སྐད་གསར་སྐྲུན་ནི་འབྲེལ་མེད་ཀྱི་ལག་རྩལ་ཞིག་མིན།
“སྨོན་ལམ་ཀློག་འདོན་རིག་ནུས་” ནི་མ་འོངས་པའི་བོད་ཀྱི་རིག་ནུས་ཉེར་སྤྱོད་ཁག་གི་རྨང་གཞིའི་རིམ་པ་ཞིག་ཡིན།
- སྒྲ་དེབ།
- དབང་པོ་སྐྱོན་ཅན་གྱི་སྟབས་བདེའི་ཡོ་ཆས།
- སྐད་ཡིག་སློབ་སྦྱོང་།
- གྲངས་འཛིན་ལས་རོགས།
- སྒྲ་སྐད་འབྲེལ་མཐུད།
- ཁ་བརྡ་རིག་ནུས།
མ་འོངས་ལམ་ཕྱོགས།
“སྨོན་ལམ་ཀློག་འདོན་རིག་ནུས་ཐོན་རིམ་གཉིས་པ་” ནི་ལམ་སྐབས་ཀྱི་གྲུབ་འབྲས་ཤིག་ཡིན་པ་ལས། མཐར་ཐུག་གི་གྲུབ་དོན་དེ་མིན།
སྐད་གདངས་སྣ་མང་ཅན།
གཏམ་བཤད་མཁན་གྱི་སྐད་གདངས་དང་ཡུལ་སྐད་མི་འདྲ་བའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ།
སྐད་གདངས། · ཡུལ་སྐད། · ཁྱབ་ཁོངས།
ཉམས་འགྱུར་སྔར་ལས་ཕུན་སུམ་ཚོགས་པ།
ངག་གི་འགྱུར་ཁུག་དང་། སྒྲ་གདངས་འདེགས་འཇོག། ཚོར་བའི་ཉམས་འགྱུར་བཅས་མཐོ་རུ་གཏོང་རྒྱུ།
ཚོར་བའི་ཉམས་འགྱུར། · ངག་གི་འགྱུར་ཁུག · རང་བཞིན་གྱི་ཉམས།
འབྲེལ་མཐུད་ལག་རྩལ་ (API) མཁོ་འདོན་བྱ་རྒྱུ།
“སྨོན་ལམ་རིག་ནུས་སྡིངས་ཆ་ (Monlam AI Studio)” བརྒྱུད་ནས་སྨོན་ལམ་ཀློག་འདོན་རིག་ནུས་བཀོལ་སྤྱོད་ཐུབ་པ་བཟོ་རྒྱུ།
འབྲེལ་མཐུད་ལག་རྩལ། · མཉམ་སྦྲེལ། · རང་འགུལ་ཅན།
སྒྲ་སྐད་གླེང་མོལ་མ་ལག
“སྨོན་ལམ་སྒྲ་འཛིན་རིག་ནུས་” དང་ “སྨོན་ལམ་ཀློག་འདོན་རིག་ནུས་” གཉིས་ཟུང་འབྲེལ་གྱིས་ཁ་བརྡ་རང་བཞིན་ལྡན་པའི་བོད་ཀྱི་རིག་ནུས་མ་ལག་གསར་སྐྲུན་བྱ་རྒྱུ།
སྒྲ་སྐད་ངོས་འཛིན། · གོ་བ་ལེན་སྟངས། · སྒྲ་སྐད་གསར་སྐྲུན།
རྣམ་མང་སྒྲ་སྐད་རིག་ནུས།
སྒྲ་སྐད་གསར་སྐྲུན་ཙམ་དུ་མ་ཟད། དེ་ལས་བརྒལ་བའི་སྒྲ་སྐད་འབྲེལ་མཐུད་ཀྱི་བྱེད་ལས་སྔར་ལས་ཕུན་སུམ་ཚོགས་པའི་མ་ལག་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ།
རིག་ནུས་སྐད་སྦྱོར་བ། · སྐད་ཡིག་ཡིག་སྒྱུར། · ཁ་བརྡ་རིག་ནུས།
སྐད་གདངས་སྣ་མང་ཅན།
གཏམ་བཤད་མཁན་གྱི་སྐད་གདངས་དང་ཡུལ་སྐད་མི་འདྲ་བའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ།
སྐད་གདངས། · ཡུལ་སྐད། · ཁྱབ་ཁོངས།
ཉམས་འགྱུར་སྔར་ལས་ཕུན་སུམ་ཚོགས་པ།
ངག་གི་འགྱུར་ཁུག་དང་། སྒྲ་གདངས་འདེགས་འཇོག། ཚོར་བའི་ཉམས་འགྱུར་བཅས་མཐོ་རུ་གཏོང་རྒྱུ།
ཚོར་བའི་ཉམས་འགྱུར། · ངག་གི་འགྱུར་ཁུག · རང་བཞིན་གྱི་ཉམས།
འབྲེལ་མཐུད་ལག་རྩལ་ (API) མཁོ་འདོན་བྱ་རྒྱུ།
“སྨོན་ལམ་རིག་ནུས་སྡིངས་ཆ་ (Monlam AI Studio)” བརྒྱུད་ནས་སྨོན་ལམ་ཀློག་འདོན་རིག་ནུས་བཀོལ་སྤྱོད་ཐུབ་པ་བཟོ་རྒྱུ།
འབྲེལ་མཐུད་ལག་རྩལ། · མཉམ་སྦྲེལ། · རང་འགུལ་ཅན།
སྒྲ་སྐད་གླེང་མོལ་མ་ལག
“སྨོན་ལམ་སྒྲ་འཛིན་རིག་ནུས་” དང་ “སྨོན་ལམ་ཀློག་འདོན་རིག་ནུས་” གཉིས་ཟུང་འབྲེལ་གྱིས་ཁ་བརྡ་རང་བཞིན་ལྡན་པའི་བོད་ཀྱི་རིག་ནུས་མ་ལག་གསར་སྐྲུན་བྱ་རྒྱུ།
སྒྲ་སྐད་ངོས་འཛིན། · གོ་བ་ལེན་སྟངས། · སྒྲ་སྐད་གསར་སྐྲུན།
རྣམ་མང་སྒྲ་སྐད་རིག་ནུས།
སྒྲ་སྐད་གསར་སྐྲུན་ཙམ་དུ་མ་ཟད། དེ་ལས་བརྒལ་བའི་སྒྲ་སྐད་འབྲེལ་མཐུད་ཀྱི་བྱེད་ལས་སྔར་ལས་ཕུན་སུམ་ཚོགས་པའི་མ་ལག་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ།
རིག་ནུས་སྐད་སྦྱོར་བ། · སྐད་ཡིག་ཡིག་སྒྱུར། · ཁ་བརྡ་རིག་ནུས།
མཇུག་བསྡུ་བ།
དུས་རབས་མང་པོའི་རིང་། བོད་ཀྱི་ཤེས་རིག་ནི་གཙོ་བོ་ངག་ཐོག་ནས་རྒྱུན་འཛིན་བྱས་ཡོད།
དེར་བརྟེན། ང་ཚོའི་དམིགས་ཡུལ་ནི་རིག་ནུས་ཀྱི་དུས་རབས་འདིའི་ནང་དུའང་ངག་ཐོག་གི་ཤེས་རིག་དེ་དག་མུ་མཐུད་ནས་གནས་ཐུབ་པ་བྱ་རྒྱུ་དེ་ཡིན།
སྨོན་ལམ་ཀློག་འདོན་རིག་ནུས་ཐོན་རིམ་གཉིས་པ་འདི་ནི། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་འཕྲུལ་རིག་ལག་རྩལ་འདི་ཉིད་མི་ཚང་མས་བཀོལ་སྤྱོད་ཐུབ་པ་བཟོ་བའི་ཕྱོགས་ཀྱི་གོམ་སྟབས་གཞན་ཞིག་ཡིན།