སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠
སྨོན་ལམ་རིག་ནུས་བཟོ་སྐྲུན་ཚན་པ།
བོད་སྐད་གཞི་རྩར་བཟུང་བའི་སྒྲ་སྐད་ངོས་འཛིན་མ་ལག་འདི་ནི། བོད་སྐད་ཀྱི་ཡུལ་སྐད་འདྲ་མིན་ལ་གོ་བ་ལེན་རྒྱུ་དང་། དུས་ཐོག་རང་འགུལ་གྱིས་ཡི་གེར་འབེབས་པ། བོད་སྐད་ཀྱི་སྒྲ་སྐད་གཞི་ཁྱོན་ཆེན་པོས་ལས་སྣོན་བྱེད་པ་བཅས་ཀྱི་སླད་དུ་ཆེད་དམིགས་བཟོ་སྐྲུན་བྱས་པ་ཞིག་ཡིན།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་བཞི་པ་འདིའི་ནང་། ཆེད་ལས་པས་ཡི་གེར་ཕབ་ཟིན་པའི་ཆུ་ཚོད་ ༢,༤༠༠ ལྷག་གི་བོད་སྐད་སྒྲ་གདངས་དང་། ཚད་གཞི་ལྡན་པའི་སྒྲ་སྐད་ཡིག་འབེབས་ཀྱི་ལམ་ལུགས། དེང་རབས་ཀྱི་རང་འགུལ་སྒྲ་སྐད་ངོས་འཛིན་གྱི་བཟོ་བཀོད་བཅས་ཟུང་འབྲེལ་བྱས་ཡོད་པས། ད་ལྟའི་བར་དུ་ཕྱིར་བསྒྲགས་བྱས་པའི་བོད་སྐད་སྒྲ་འཛིན་མ་ལག་ཀུན་གྱི་ནང་ནས་གནད་ལ་འཁེལ་ཤོས་དེ་ཆགས་ཡོད།

སྒྲ་སྐད་ངོས་འཛིན་གྱི་གལ་གནད་ཅི་ཡིན།
བོད་ཀྱི་ཤེས་རིག་ནི་དུས་རྣམ་ཀུན་ཏུ་དཔེ་དེབ་ཁོ་ནའི་ནང་དུ་ཡོད་པ་ཞིག་མ་ཡིན་པར། ཕན་ཚུན་བར་གྱི་ཁ་བརྡ་དང་། གསུང་ཆོས། བཅར་འདྲི། འབེལ་གཏམ། དེ་བཞིན་ངག་རྒྱུན་ལོ་རྒྱུས་བཅས་ཀྱི་ནང་དུའང་གནས་ཡོད།
ཤེས་རིག་འདི་དག་གི་ཆ་ཤས་མང་པོ་ཞིག་སྒྲ་སྐད་ཀྱི་རྣམ་པ་ཁོ་ནར་གནས་ཡོད་པས། དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་བཀོལ་ནས་དེ་དག་འཚོལ་བཤེར་བྱེད་པ་དང་། ཉར་ཚགས་བྱེད་པ། བཀོལ་སྤྱོད་བྱེད་པ་བཅས་ནི་ཅི་དགར་བྱེད་ཐུབ་པ་ཞིག་མིན།
སྨོན་ལམ་སྒྲ་འཛིན་རིག་ནུས་ཀྱི་དགོས་དོན་ནི། བོད་ཀྱི་ངག་ཐོག་གི་ཤེས་རིག་འདི་དག་མ་འོངས་པའི་གྲངས་འཛིན་དུས་རབས་སུ་རྒྱུན་གནས་ཀྱི་ཤེས་རིག་གི་ཆ་ཤས་ཤིག་ཆགས་ཐུབ་པའི་ཆེད་དུ་ཡིན།
དོན་གནད་གཙོ་བོ་ཁག
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་བཞི་པའི་རྒྱབ་ལྗོངས་ཀྱི་གྲངས་ཐོ་ཁག་དང་། དེ་དག་གིས་དངོས་སུ་བཀོལ་སྤྱོད་བྱེད་སྐབས་དོན་སྙིང་ག་རེ་མཚོན་གྱི་ཡོད་པ།
ཡིག་ནོར་གྱི་ཚད་གཞིའི་སྤྱི་འབོར།
16.22%
ཚད་འཇལ་གཏན་འཁེལ་བྱས་པའི་བོད་སྐད་སྒྲ་འཛིན་མ་ལག་ཁྲོད་གྲུབ་འབྲས་ལེགས་ཤོས་དེ་ཡིན།
དུས་ཐོག་ཐོན་རིམ།
STT v4 Live
དུས་ཚོད་ནར་འགྱངས་མེད་པར་ (Low latency) སྒྲ་སྐད་ཐད་ཀར་ཡི་གེར་འབེབས་ཐུབ།
ཚད་འཇལ་ཨང་རིམ།
#1
bo-voice-v2.1.0 སྒྲ་མཛོད་ཐོག་ཚད་འཇལ་བྱས་པའི་གྲུབ་འབྲས་རྩེར་སོན་དེ་ཡིན།
སྒྲ་སྐད་མཛོད།
2,400+ hours
བོད་སྐད་ཀྱི་སྒྲ་སྐད་གཞི་རྒྱ་ཆེ་ཤོས་ཤིག་གསལ་སྒྲིག་བྱས་པ་ཡིན།
ཡར་རྒྱས་བསྡུར་གཞི།
23%
ཐོན་རིམ་སྔོན་མ་ཁག་ལས་ནོར་འཁྲུལ་གྱི་ཚད་གཞི་ཇེ་དམའ་རུ་གྱུར་ཡོད།
ཡུལ་སྐད་རྒྱབ་སྐྱོར།
3
ཨ་མདོ་དང་། ཁམས། དབུས་གཙང་བཅས་ཡིན།
བོད་ཀྱི་སྒྲ་སྐད་ངོས་འཛིན་མ་ལག་གསར་སྐྲུན་བྱེད་པ།
གྲངས་འཛིན་ཅན་གྱི་ཐོན་ཁུངས་ཉུང་བའི་སྐད་ཡིག་ཅིག་གི་ཆེད་དུ་གྲུབ་འབྲས་རྩེར་སོན་གྱི་རང་འགུལ་སྒྲ་སྐད་ངོས་འཛིན་མ་ལག་ཅིག་གསར་སྐྲུན་བྱེད་པ་ལ། དབྱིན་ཡིག་དང་རྒྱ་ཡིག་ལྟ་བུའི་གཙོ་རྒྱུག་སྐད་ཡིག་དག་ལ་ཤིན་ཏུ་ཕྲད་དཀའ་བའི་དཀའ་ངལ་འཕར་མ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད།
ང་ཚོས་དཀའ་གནད་ཆེན་པོ་བཞི་ལ་གདོང་ལེན་བྱས་པ་བརྒྱུད་ནས། ད་གཟོད་ད་ལྟའི་སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདི་ཉིད་གྲུབ་པ་ཡིན།
དཔེ་གཞི་ཁག་ངོ་སྤྲོད་པ།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠
འདི་ནི་བོད་ཀྱི་སྒྲ་སྐད་ངོས་འཛིན་གྱི་དཔེ་གཞི་གཙོ་བོ་དེ་ཡིན།
བཟོ་བཀོད་ཀྱི་དམིགས་གཞི།
བཅར་འདྲི།
ཁ་བརྡ་གླེང་མོལ།
གསུང་ཆོས་དང་གསུང་བཤད།
འབེལ་གཏམ།
ཤེས་ཡོན་སྒྲ་འཇུག
གསར་འགྱུར་བརྒྱུད་ལམ་གྱི་ཡིག་ཚགས།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདིས་བརྟག་ཞིབ་བྱས་ཟིན་པའི་བོད་ཀྱི་ཡུལ་སྐད་འདྲ་མིན་ཡོངས་ཀྱི་ཁྲོད་ནས། སྒྲ་སྐད་ཡི་གེར་འབེབས་པའི་སྤུས་ཚད་ལེགས་ཤོས་དེ་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ ཐད་བསྒྱུར་པར་གཞི།
འདི་ནི་ཐད་གཏོང་བཀོལ་སྤྱོད་བྱེད་མཁན་ཁག་ལ་ཆེད་དམིགས་ལེགས་བཅོས་བྱས་པའི་སྒྲ་སྐད་དུས་ཐོག་ངོས་འཛིན་གྱི་དཔེ་གཞི་ཞིག་ཡིན།
དཔེ་གཞི་འདི་ནི་ཡུལ་སྐད་སྣ་ཚོགས་ངོས་འཛིན་ཐུབ་པའི་ནུས་པ་དང་ལྡན་པར་མ་ཟད། ཡིག་འབེབས་ཀྱི་མགྱོགས་ཚད་ཧ་ཅང་མྱུར་བའི་ཆེད་དུ་བཟོས་པ་ཞིག་ཡིན།
བརྟག་ཞིབ་བརྒྱུད་རིམ།
བརྟག་ཞིབ་གྲུབ་འབྲས་ཀྱི་རིན་ཐང་ནི། དེས་མིག་མཐོང་ལག་ཟིན་གྱི་ཡར་རྒྱས་ཕྱིན་ཡོད་པ་གསལ་བོར་མཚོན་ཐུབ་པའི་སྐབས་ཁོ་ན་ཡིན།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདིས་ bo-voice-v2.1.0 བོད་ཀྱི་སྒྲ་སྐད་ངོས་འཛིན་ (ASR) བརྟག་ཞིབ་ཁྲོད་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ལེགས་ཤོས་དེ་ཐོབ་ཡོད།
| Rank | Model | CER |
|---|---|---|
| 1 | Monlam STT v4 | 16.22% |
| 2 | Monlam STT v3.5 | 16.96% |
| 3 | Monlam STT v4 Live | 17.09% |
| 4 | OpenPecha x Monlam Wav2Vec2 Base | 21.07% |
ཡིག་ནོར་ཚད་བསྡུར་གྱི་བརྒྱ་ཆ་ ༢༣ ཇེ་ཉུང་དུ་ཕྱིན་པ།
སྔོན་མའི་ཐོན་རིམ་གྱི་བོད་ཀྱི་སྒྲ་སྐད་ངོས་འཛིན་དཔེ་གཞི་སྤུས་ལེགས་ཤོས་དེ་དང་བསྡུར་ན། སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདིས་ ཡིག་ནོར་གྱི་ཚད་རིམ་བརྒྱ་ཆ་ ༢༣ ཙམ་མར་བཅག་ཡོད།
གྲངས་འཛིན་ཐོན་ཁུངས་ཉུང་བའི་སྐད་ཡིག་ཅིག་གི་ངོས་ནས་བཤད་ན། ཡིག་ནོར་ཚད་རིམ་བརྒྱ་ཆ་ ༢༠ མན་ལ་གཅོག་ཐུབ་པ་འདི་ནི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཞིག་རེད།
ཡུལ་སྐད་ཁག་གི་གྲུབ་འབྲས།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདི་ནི། སྔོན་མའི་མ་ལག་ཁག་ལྟར་གཙོ་བོ་དབུས་གཙང་གི་སྐད་ལ་ཆེད་དམིགས་ལེགས་བཅོས་བྱས་པ་ཙམ་མིན་པར། བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཁྲོད་དུ་ཕྱོགས་ཡོངས་ནས་གྲུབ་འབྲས་བཟང་པོ་ཐོན་ཡོད།
| Dialect | CER |
|---|---|
| Ü-Tsang | 13.57% |
| Amdo | 19.43% |
| Kham | 25.32% |
Monlam STT v4
Monlam STT v3.5
Monlam STT v4 Live
OpenPecha x MonlamAI
Wav2Vec2 Base
OpenPecha x MonlamAI
Whisper Small (Wylie)
Monlam STT v4 Flash
OpenPecha x MonlamAI
Wav2Vec2 v13
Monlam STT Small
(beta)
དངོས་སུ་ཚོད་ལྟ་བྱེད་པ།
ཡ་ཨ་མའི་གཅེས་ཕྲུག་གཉིས་ཀ་ཤོག་ཤོག་ཤོག ལོ་ཆུ་འཐུང་ང་དོངས་ང་དི་ནས་ད་ཀ་ར་ཟོ་ཡ། ད་ལོ་ཆུ་འཐུང་དགོས་ནི་རེད། ཤོག་ར་ཨ་མ་གིས་གཏོ་མ་གཏོལ་ཡས་འོ་ཇ་བསྐོལ་བཞག་ཡོད་ཡ། ཨ་མའི་ལོ་ལོ་གཉིས་ཀ་གན་ནས་ཙོག་ག་དོངས།
བོད་ཀྱི་མིས་བཟོས་རིག་ནུས་ཀྱི་ཁོར་ཡུག་ཧྲིལ་བོར་དམིགས་ནས་བཟོས་པ།
སྒྲ་སྐད་ངོས་འཛིན་ནི་གང་ལའང་མ་འབྲེལ་བའི་ལག་རྩལ་རྐྱང་པ་ཞིག་མ་རེད།
སྨོན་ལམ་སྒྲ་འཛིན་རིག་ནུས་འདི་ནི། མ་འོངས་པའི་བོད་ཀྱི་མིས་བཟོས་རིག་ནུས་བཀོལ་སྤྱོད་ལས་རིམ་ཁག་གི་རྨང་གཞིའི་རིམ་པ་ཞིག་ཏུ་གྱུར་ཡོད།
- སྒྲ་སྐད་ལས་རོགས།
- ལོ་ཙཱའི་བརྒྱུད་རིམ།
- བཤེར་འཚོལ་མ་ལག
- ཤེས་བྱ་བསྡུ་ལེན།
- སྒྲ་འཇུག་ཡིག་ཚགས།
- ཚད་ཕེར་རིག་ནུས་མ་ལག
མདུན་སྐྱོད་ལམ་ཕྱོགས།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདི་ནི་ང་ཚོའི་མདུན་སྐྱོད་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པ་མ་གཏོགས། མཐར་ཐུག་གི་གྲུབ་འབྲས་དེ་མིན།
སྒྲ་སྐད་གཞི་གྲངས་རྒྱ་བསྐྱེད་པ།
སྒྲ་སྐད་རྒྱུ་ཆའི་མཛོད་ཆེན་མོ་དེ་ད་ལྟའི་ཆུ་ཚོད་ ༢,༤༠༠ ལས་བརྒལ་ཏེ་རྒྱ་བསྐྱེད་རྒྱུ་དང་། དེས་སྐད་ཆ་ཤོད་མཁན་འདྲ་མིན་དང་། ཁྱབ་ཁོངས་སྣ་ཚོགས། ཡུལ་སྐད་མི་འདྲ་བ་ཁག་བཅས་ཀྱི་ཁྲོད་མ་ལག་གི་བརྟན་ལྷིང་རང་བཞིན་ཇེ་མཐོར་གཏོང་རྒྱུ།
གཞི་གྲངས་འཕེལ་རྒྱས། · གསུང་མཁན་སྣ་ཚོགས། · ཁྱབ་ཁོངས་ཁེབས་ཚད།
ཡིག་འབེབས་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ།
གཞི་གྲངས་སྤུས་ལེགས་དང་སྦྱོང་བརྡར་ནུས་པ་ཅན་བརྒྱུད་ནས། ཡིག་ནོར་གྱི་ཚད་རིམ་མུ་མཐུད་ནས་ཇེ་དམའ་རུ་གཏོང་རྒྱུ།
དམིགས་ཚད། རྒྱུན་ལྡན་བཀོལ་སྤྱོད་ཁྲོད་ཡིག་ནོར་ཚད་རིམ་བརྒྱ་ཆ་ ༥ མན་ལ་གཅོག་རྒྱུ།
API སྤྱོད་ཆོག་པ་བཟོ་རྒྱུ།
སྨོན་ལམ་སྒྲ་འཛིན་རིག་ནུས་འདི་ཉིད་མེ་ལོང་རིག་ནུས་སྡིངས་ཆ་ (Monlam AI Studio) ཡི་API བརྒྱུད་ནས་སྤྱོད་ཐུབ་པ་བཟོ་རྒྱུ།
API མཐུད་ལམ། · མ་ལག་ཟུང་འབྲེལ། · རང་འགུལ་ཅན།
དུས་ཐོག་ལོ་ཙཱ།
སྨོན་ལམ་སྒྲ་འཛིན་རིག་ནུས་འདི་ཉིད་བོད་སྐད་ཀྱི་གསུང་བཤད་དུས་ཐོག་ལོ་ཙཱ་བྱེད་པའི་ནུས་པར་རྒྱ་སྐྱེད་བྱ་རྒྱུ།
གསུང་བཤད་ལོ་ཙཱ། · ཐད་གཏོང་བརྙན་ཡིག · བོད་ཡིག ↔ དབྱིན་ཡིག
རྣམ་མང་སྒྲ་སྐད་རིག་ནུས།
སྒྲ་སྐད་ཡིག་འབེབས་བྱས་པ་ཙམ་ལས་བརྒལ་ཏེ། སྒྲ་སྐད་ཀྱི་གོ་དོན་སྔར་ལས་གཏིང་ཟབ་པའི་སྒོ་ནས་རྟོགས་ཐུབ་པ་བཟོ་རྒྱུ།
གསུང་མཁན་ངོས་འཛིན། · སྒྲ་འཚོལ་བ། · སྒྲ་སྐད་ཚད་ཕེར་མ་ལག
སྒྲ་སྐད་གཞི་གྲངས་རྒྱ་བསྐྱེད་པ།
སྒྲ་སྐད་རྒྱུ་ཆའི་མཛོད་ཆེན་མོ་དེ་ད་ལྟའི་ཆུ་ཚོད་ ༢,༤༠༠ ལས་བརྒལ་ཏེ་རྒྱ་བསྐྱེད་རྒྱུ་དང་། དེས་སྐད་ཆ་ཤོད་མཁན་འདྲ་མིན་དང་། ཁྱབ་ཁོངས་སྣ་ཚོགས། ཡུལ་སྐད་མི་འདྲ་བ་ཁག་བཅས་ཀྱི་ཁྲོད་མ་ལག་གི་བརྟན་ལྷིང་རང་བཞིན་ཇེ་མཐོར་གཏོང་རྒྱུ།
གཞི་གྲངས་འཕེལ་རྒྱས། · གསུང་མཁན་སྣ་ཚོགས། · ཁྱབ་ཁོངས་ཁེབས་ཚད།
ཡིག་འབེབས་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ།
གཞི་གྲངས་སྤུས་ལེགས་དང་སྦྱོང་བརྡར་ནུས་པ་ཅན་བརྒྱུད་ནས། ཡིག་ནོར་གྱི་ཚད་རིམ་མུ་མཐུད་ནས་ཇེ་དམའ་རུ་གཏོང་རྒྱུ།
དམིགས་ཚད། རྒྱུན་ལྡན་བཀོལ་སྤྱོད་ཁྲོད་ཡིག་ནོར་ཚད་རིམ་བརྒྱ་ཆ་ ༥ མན་ལ་གཅོག་རྒྱུ།
API སྤྱོད་ཆོག་པ་བཟོ་རྒྱུ།
སྨོན་ལམ་སྒྲ་འཛིན་རིག་ནུས་འདི་ཉིད་མེ་ལོང་རིག་ནུས་སྡིངས་ཆ་ (Monlam AI Studio) ཡི་API བརྒྱུད་ནས་སྤྱོད་ཐུབ་པ་བཟོ་རྒྱུ།
API མཐུད་ལམ། · མ་ལག་ཟུང་འབྲེལ། · རང་འགུལ་ཅན།
དུས་ཐོག་ལོ་ཙཱ།
སྨོན་ལམ་སྒྲ་འཛིན་རིག་ནུས་འདི་ཉིད་བོད་སྐད་ཀྱི་གསུང་བཤད་དུས་ཐོག་ལོ་ཙཱ་བྱེད་པའི་ནུས་པར་རྒྱ་སྐྱེད་བྱ་རྒྱུ།
གསུང་བཤད་ལོ་ཙཱ། · ཐད་གཏོང་བརྙན་ཡིག · བོད་ཡིག ↔ དབྱིན་ཡིག
རྣམ་མང་སྒྲ་སྐད་རིག་ནུས།
སྒྲ་སྐད་ཡིག་འབེབས་བྱས་པ་ཙམ་ལས་བརྒལ་ཏེ། སྒྲ་སྐད་ཀྱི་གོ་དོན་སྔར་ལས་གཏིང་ཟབ་པའི་སྒོ་ནས་རྟོགས་ཐུབ་པ་བཟོ་རྒྱུ།
གསུང་མཁན་ངོས་འཛིན། · སྒྲ་འཚོལ་བ། · སྒྲ་སྐད་ཚད་ཕེར་མ་ལག
མཇུག་བསྡུ་བ།
དུས་རབས་མང་པོའི་རིང་ལ། བོད་ཀྱི་ཤེས་བྱ་མང་པོ་ཞིག་ངག་ཐོག་ཁོ་ན་ནས་ཕན་ཚུན་བརྒྱུད་སྤྲོད་བྱས་ཡོད།
ང་ཚོའི་དམིགས་ཡུལ་ནི། མིས་བཟོས་རིག་ནུས་ཀྱི་དུས་རབས་འདིར་ཡང་ངག་ཐོག་གི་ཤེས་བྱ་དེ་དག་ཉམས་པ་མེད་པར་སུས་ཀྱང་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ་དེ་ཡིན།
སྨོན་ལམ་སྒྲ་འཛིན་རིག་ནུས་ཐོན་རིམ་ ༤.༠ འདི་ནི། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་འཕྲུལ་རིག་ལག་རྩལ་དེ་མི་ཚང་མས་ལོངས་སུ་སྤྱོད་ཐུབ་པར་བཟོ་བའི་མདུན་བསྐྱོད་ཀྱི་གོམ་སྟབས་གསར་པ་ཞིག་ཡིན་ནོ།།